ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། རང་བཞིན་སྟོང་པ་ཉིད་ཡོངས་སུ་དག་པ། རང་བཞིན་སྟོང་པ་ཉིད་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​གསོ་བ་ཡོངས་སུ་དག་པས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་དག་པ། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་དག་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་དག་པ། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་དག་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་དག་པ། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པ། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་དག་པས། གསོ་བ་ཡོངས་སུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98002#UT22084-014-001-98002