དགྲ་བཅོམ་པ་ཉིད་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​སྲོག་ཡོངས་སུ་དག་པས། རང་བྱང་ཆུབ་ཡོངས་སུ་དག་པ། རང་བྱང་ཆུབ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། རང་བྱང་ཆུབ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྲོག་ཡོངས་སུ་དག་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྲོག་ཡོངས་སུ་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །​གསོ་བ་ཡོངས་སུ་དག་པས། གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། གཟུགས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་ཡོངས་སུ་དག་པས། ཚོར་བ་ཡོངས་སུ་དག་པ། ཚོར་བ་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​གསོ་བ་ཡོངས་སུ་དག་པས། འདུ་ཤེས་ཡོངས་སུ་དག་པ། འདུ་ཤེས་ཡོངས་སུ་དག་པས། གསོ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གསོ་བ་ཡོངས་སུ་དག་པ་དང་། འདུ་ཤེས་ཡོངས་སུ་དག་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97990#UT22084-014-001-97990