ཡོངས་སུ་དག་པ། མངོན་པར་ཤེས་པ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །སྲོག་ཡོངས་སུ་དག་པས། ཏིང་ངེ་འཛིན་ཡོངས་སུ་དག་པ། ཏིང་ངེ་འཛིན་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​སྲོག་ཡོངས་སུ་དག་པས། གཟུངས་ཀྱི་སྒོ་ཡོངས་སུ་དག་པ། གཟུངས་ཀྱི་སྒོ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། གཟུངས་ཀྱི་སྒོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྲོག་ཡོངས་སུ་དག་པས། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་དག་པ། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྲོག་ཡོངས་སུ་དག་པས། མྱི་འཇིགས་པ་ཡོངས་སུ་དག་པ། མྱི་འཇིགས་པ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། མྱི་འཇིགས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །​སྲོག་ཡོངས་སུ་དག་པས། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པ། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། སོ་སོ་ཡང་དག་པར་རིག་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​སྲོག་ཡོངས་སུ་དག་པས། བྱམས་པ་ཆེན་པོ་ཡོངས་སུ་དག་པ། བྱམས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97988#UT22084-014-001-97988