ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སེམས་ཅན་ཡོངས་སུ་དག་པ་དང་། སྨོན་པ་མེད་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སེམས་ཅན་ཡོངས་སུ་དག་པས། མངོན་པར་ཤེས་པ་ཡོངས་སུ་དག་པ། མངོན་པར་ཤེས་པ་ཡོངས་སུ་དག་པས། སེམས་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སེམས་ཅན་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །སེམས་ཅན་ཡོངས་སུ་དག་པས། ཏིང་ངེ་འཛིན་ཡོངས་སུ་དག་པ། ཏིང་ངེ་འཛིན་ཡོངས་སུ་དག་པས། སེམས་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སེམས་ཅན་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སེམས་ཅན་ཡོངས་སུ་དག་པས། གཟུངས་ཀྱི་སྒོ་ཡོངས་སུ་དག་པ། གཟུངས་ཀྱི་སྒོ་ཡོངས་སུ་དག་པས། སེམས་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སེམས་ཅན་ཡོངས་སུ་དག་པ་དང་། གཟུངས་ཀྱི་སྒོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སེམས་ཅན་ཡོངས་སུ་དག་པས། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་དག་པ། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་དག་པས། སེམས་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སེམས་ཅན་ཡོངས་སུ་དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སེམས་ཅན་ཡོངས་སུ་དག་པས། མྱི་འཇིགས་པ་ཡོངས་སུ་དག་པ། མི་འཇིགས་པ་ཡོངས་སུ་དག་པས། སེམས་ཅན་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སེམས་ཅན་ཡོངས་སུ་དག་པ་དང་། མྱི་འཇིགས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97970#UT22084-014-001-97970