གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​བདག་ཡོངས་སུ་དག་པས། རྣམ་པར་ཤེས་པ་ཡོངས་སུ་དག་པ། རྣམ་པར་ཤེས་པ་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​བདག་ཡོངས་སུ་དག་པས། མྱིག་ཡོངས་སུ་དག་པ། མྱིག་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། མྱིག་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​བདག་ཡོངས་སུ་དག་པས། རྣ་བ་ཡོངས་སུ་དག་པ། རྣ་བ་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། རྣ་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​བདག་ཡོངས་སུ་དག་པས། སྣ་ཡོངས་སུ་དག་པ། སྣ་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། སྣ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​བདག་ཡོངས་སུ་དག་པས། ལྕེ་ཡོངས་སུ་དག་པ། ལྕེ་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། ལྕེ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །བདག་ཡོངས་སུ་དག་པས། ལུས་ཡོངས་སུ་དག་པ། ལུས་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། ལུས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​བདག་ཡོངས་སུ་དག་པས། ཡིད་ཡོངས་སུ་དག་པ། ཡིད་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​བདག་ཡོངས་སུ་དག་པས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97937#UT22084-014-001-97937