སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​ཤེས་པ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཤེས་པ་པོ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་རྣམ་པར་དག་པ་དང་། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐོང་བ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི། མཐོང་བ་པོ་རྣམ་པར་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་རྣམ་པར་དག་པ་དང་། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི། བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སེམས་ཅན་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི། སེམས་ཅན་རྣམ་པར་དག་པ་སྟེ། དེ་ལྟར་ན་སེམས་ཅན་རྣམ་པར་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྲོག་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི། སྲོག་རྣམ་པར་དག་པ་སྟེ། དེ་ལྟར་ན་སྲོག་རྣམ་པར་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གསོ་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་སྟོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97852#UT22084-014-001-97852