ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​དོར་བ་མེད་པ་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​རང་བཞིན་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​མི་དམིགས་པ་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཡང་དག་པར་སྤོང་བ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཆགས་པར་འགྱུར་བ་མེད་དོ། །​དབང་པོ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​སྟོབས་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​འཕགས་པའི་བདེན་པ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​བསམ་གཏན་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཚད་མེད་པ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​རྣམ་པར་ཐར་པ་བརྒྱད་ལ་ཆགས་པར་འགྱུར་བ་མྱེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཆགས་པར་འགྱུར་བ་མེད་དོ། །​སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​མཚན་མ་མེད་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​སྨོན་པ་མེད་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །མངོན་པར་ཤེས་པ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཏིང་ངེ་འཛིན་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​གཟུངས་ཀྱི་སྒོ་རྣམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཆགས་པར་འགྱུར་བ་མེད་དོ། །​མྱི་འཇིགས་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6339#UT22084-014-001-6339