ཆགས་པར་འགྱུར་བ་མེད་དོ། །​སྒྲ་ལ་ཆགས་པར་འགྱུར་བ་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མེད་དོ། །​རྣ་བའི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མེད་དོ། །​གང་ཡང་རྣ་བ་དང་སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མྱེད་དོ། །​སྣ་ལ་ཆགས་པར་འགྱུར་བ་མྱེད་དོ། །​དྲི་ལ་ཆགས་པར་འགྱུར་བ་མྱེད་དོ། །​སྣའི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​སྣའི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​གང་ཡང་སྣ་དང་དྲི་དང་། སྣའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མྱེད་དོ། །​ལྕེ་ལ་ཆགས་པར་འགྱུར་བ་མྱེད་དོ། །​རོ་ལ་ཆགས་པར་འགྱུར་བ་མྱེད་དོ། །​ལྕེའི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​ལྕེའི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​གང་ཡང་ལྕེ་དང་རོ་དང་། ལྕེའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མྱེད་དོ། །​ལུས་ལ་ཆགས་པར་འགྱུར་བ་མྱེད་དོ། །​རེག་བྱ་ལ་ཆགས་པར་འགྱུར་བ་མེད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​གང་ཡང་ལུས་དང་རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མྱེད་དོ། །​ཡིད་ལ་ཆགས་པར་འགྱུར་བ་མེད་དོ། །​ཆོས་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཡིད་ཀྱི་རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6337#UT22084-014-001-6337