ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །​རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །​རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །​རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །​རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །​རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡང་དག་པར་སྤོང་བ་རྣམས་སོ། །​རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡང་དག་པར་སྤོང་བ་རྣམས་སོ། །​རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཡང་དག་པར་སྤོང་བ་རྣམས་སོ། །​རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །​རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97663#UT22084-014-001-97663