དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་རྣམ་པར་ཤེས་པའོ། །​རབ་འབྱོར་སྣའི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་སྣའི་རྣམ་པར་ཤེས་པའོ། །​རབ་འབྱོར་སྣའི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྣའི་རྣམ་པར་ཤེས་པའོ། །​རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་རྣམ་པར་ཤེས་པའོ། །​རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་རྣམ་པར་ཤེས་པའོ། །​རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལྕེའི་རྣམ་པར་ཤེས་པའོ། །རབ་འབྱོརད་ལུས་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །​རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །​རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །​རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97645#UT22084-014-001-97645