རྣམ་པར་ཤེས་པའི་ཁམས་ལ་རང་བཞིན་མེད་པ་ནི་རྣམ་པར་ཤེས་པའི་ཁམས་སོ། །​རབ་འབྱོར་མ་རིག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མ་རིག་པ་ལ་རང་བཞིན་མྱེད་པ་ནི་མ་རིག་པའོ། །​རབ་འབྱོར་འདུ་བྱེད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ལ་རང་བཞིན་མྱེད་པ་ནི་འདུ་བྱེད་དོ། །​རབ་འབྱོར་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་རྣམ་པར་ཤེས་པའོ། །​རབ་འབྱོར་མྱིང་དང་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིང་དང་གཟུགས་ལ་རང་བཞིན་མྱེད་པ་ནི་མྱིང་དང་གཟུགས་སོ། །​རབ་འབྱོར་སྐྱེ་མཆེད་དྲུག་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་མཆེད་དྲུག་ལ་རང་བཞིན་མེད་པ་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་པ་ལ་རང་བཞིན་མྱེད་པ་ནི་རེག་པའོ། །​རབ་འབྱོར་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བ་ལ་རང་བཞིན་མྱེད་པ་ནི་ཚོར་བའོ། །​རབ་འབྱོར་སྲེད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲེད་པ་ལ་རང་བཞིན་མྱེད་པ་ནི་སྲེད་པའོ། །​རབ་འབྱོར་ལེན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལེན་པ་ལ་རང་བཞིན་མྱེད་པ་ནི་ལེན་པའོ། །​རབ་འབྱོར་སྲིད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲིད་པ་ལ་རང་བཞིན་མྱེད་པ་ནི་སྲིད་པའོ། །​རབ་འབྱོར་སྐྱེ་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་ལ་རང་བཞིན་མྱེད་པ་ནི་སྐྱེ་བའོ། །​རབ་འབྱོར་རྒ་ཤི་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒ་ཤི་ལ་རང་བཞིན་མེད་པ་ནི་རྒ་ཤིའོ། །​རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་པ་ནི་སྦྱིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97634#UT22084-014-001-97634