ལུས་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །​རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །​རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་པ་ནི་མིག་གི་འདུས་ཏེ་རེག་པའོ། །​རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་པ་ནི་རྣ་བའི་འདུས་ཏེ་རེག་པའོ། །​རབ་འབྱོར་སྣའི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྣའི་འདུས་ཏེ་རེག་པ་ལ་རང་བཞིན་མེད་པ་ནི་སྣའི་འདུས་ཏེ་རེག་པའོ། །​རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྕེའི་འདུས་ཏེ་རེག་པ་ལ་རང་བཞིན་མེད་པ་ནི་ལྕེའི་འདུས་ཏེ་རེག་པའོ། །​རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་པ་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །​རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པ་ལ་རང་བཞིན་མེད་པ་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །​རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་པ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །​རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མེད་པ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །​རབ་འབྱོར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97632#UT22084-014-001-97632