རྗེས་སུ་མི་མཐོང་ངོ་། །​སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱི་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མཚན་མ་ཡོད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མཚན་མ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྨོན་པ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྨོན་པ་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འདུས་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འདུས་མ་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འགག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱི་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱི་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཁ་ན་མ་ཐོ་བ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཟག་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཟག་པ་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཉོན་མོངས་པ་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འཇིག་རྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འཁོར་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དང་། བྱང་ཆུབ་སེམས་དཔའི་མྱིང་དེ་འདུས་བྱས་ཀྱི་ཁམས་ན་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འདུས་མ་བྱས་ཀྱི་ཁམས་ན་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རབ་འབྱོར་དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7808#UT22084-014-001-7808