གཟུགས་བརྙན་ཙམ་དུ་ཡང་མ་སྤྱོད་དོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ཅིང་བཤད་པའི་ཚེ། ཕྱིར་སྤང་བར་སེམས་ཅིང་འདི་སྐད་དུ་འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མྱི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །​འདི་ནི་འདུལ་བ་མ་ཡིན་ནོ། །​འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །​འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཞིང་། དེ་བདག་ཉིད་ཀྱང་ཕྱིར་སྤོང་ལ། སེམས་ཅན་གཞན་ཡང་མོས་པ་མྱེད་པར་བྱེད་ཅིང་། བདག་གི་བསམ་པ་ཉམས་པར་བྱས་ནས་གཞན་གྱི་བསམ་པ་ཉམས་པར་བྱེད་པ་བདག་གི་བསམ་པ་གདུག་པར་བྱས་ནས་གཞན་གྱི་བསམ་པ་གདུག་པར་བྱ་བར་དགའ་བ་བདག་ཉིད་ཆུད་གསོན་ཅིང་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མྱི་ཤེས་མྱི་རིག་པས་ཕྱིར་སྤང་བར་འདོད་ལ། གཞན་ཡང་དེ་བཞིན་དུ་འཛིན་དུ་འཇུག་པར་འགྱུར་བའི་ལས་བྱས་ཤིང་བསྩགས་པ་དེའི་གཟུགས་བརྙན་དུ་ཡང་འགྱུར་རེ་སྐན། ཤ་ར་དྭ་ཏིའི་བུ་ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་བྱ་བ་ཡང་མ་གནང་ན་འཕྲད་པ་ལྟ་ཅི་སྨོས་ཏེ། འགྲོགས་པ་ལྟ་སྨོས་ཀྱང་མྱི་སྨོས་སོ། །​དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་དག་ནི་ཆོས་ལ་སྐྱོན་དུ་འདོགས་པར་རིག་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་ནི་བླུན་པོའི་ཚུལ་ཅན་ཕྱོགས་ནག་པོའི་ཚུལ་ཅན་དུ་རིག་པར་བྱའོ། །​ཤ་ར་དྭ་ཏིའི་བུ་གང་ཟག་དེ་ལྟ་བུ་དག་གི་ངག་མཉན་པར་སེམས་པ་འམ། དེ་དག་ལ་ཡིད་ཆེས་པར་བྱ་བར་སེམས་པ་དེ་དག་ཀྱང་ཚུལ་མ་ཡིན་པའི་འཇིགས་པས་ཕུང་བར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་འདོགས་པ་དེ་ནི་ཆོས་ལ་སྐྱོན་འདོགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97624#UT22084-014-001-97624