འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་། ལྷོ་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​ནུབ་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​བྱང་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​ཤར་ལྷོའི་ཕྱོགས་མཚམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​ནུབ་བྱང་གི་ཕྱོགས་མཚམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​འོག་གི་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​སྟེང་གི་ཕྱོགས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་འཕང་བར་འགྱུར་རོ། །​དེ་དག་ཏུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེར་ཡང་མྱེས་ཡོངས་སུ་འཇིག་པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་སྟེ། དེ་དག་དེ་ལྟར་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ། དེ་ནས་ཤི་འཕོས་ནས་ཆོས་འཇིག་པར་འགྱུར་བའི་ལས་དེ་མ་ཟད་པས་ཡང་འདིར་སྐྱེས་ཏེ། དེ་དག་ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་འབབ་པར་འགྱུར་རོ། །​དེ་དག་ཏུ་ཡང་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་མྱོང་བར་འགྱུར་རོ། །​དེ་དག་མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97622#UT22084-014-001-97622