ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། འཁོར་དེ་ནས་གུད་དུ་འདོང་འདོང་བ་སྟེ། དེ་དག་ནི་ད་ལྟར་བྱུང་བའི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འཁོར་དེ་ནས་གུད་དུ་འདོང་བར་འགྱུར་ཏེ། ལུས་དང་སེམས་ཀྱིས་མཐུན་པར་སྤྱོད་པར་མྱི་འགྱུར་རོ། །​དེ་དག་ནི་ཤེས་རབ་འཆལ་བར་འགྱུར་བའི་ལས་སྩོགས་པ་ཡིན་ཏེ། དེ་དག་ཤེས་རབ་འཆལ་བར་འགྱུར་བའི་ལས་བྱས་ཤིང་བསྩགས་པ་དེས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། སྤོང་བར་འགྱུར་ཏེ། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་ཏེ། དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱས་ཤིང་བསྩགས་པ་དང་། ཆོས་བརླྷག་པར་འགྱུར་བའི་ལས་བྱས་ཤིང་བསྩགས་པ་དེས། ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་མང་པོ་དང་། ལོ་བྱེ་བ་བརྒྱ་ཕྲག་མང་པོ་དང་། ལོ་བྱེ་བ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར། སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །​དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བར་འགྱུར་ཏེ། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ། མྱེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ཏེ། དེ་དག་དེ་ལྟར་མེས་ཡོངས་སུ་འཇིག་པ་འམ། ཆུས་ཡོངས་སུ་འཇིག་པ་འམ། རླུང་གིས་ཡོངས་སུ་འཇིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97619#UT22084-014-001-97619