སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། ཕྱིར་མྱི་འོང་བའི་འབྲས་བུ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། དགྲ་བཅོམ་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། རང་བྱང་ཆུབ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བགྱིད་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་རྣམ་པར་ཕྱེ་ཞིང་བཤད་དགོས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་མྱི་དམྱིགས་པའི་ཚུལ་གྱིས་བརྩོན་པར་བྱེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ཅིང་འཕེལ་བ་དང་། འགྲིབ་པར་མཐོང་བ་མེད་པས་ཆོས་གང་ལ་ཡང་མྱི་སྤོང་སྟེ། ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མྱི་འགྱུར་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་འབྲལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97617#UT22084-014-001-97617