བལྟའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​ནང་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​ཕྱི་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​ཕྱི་ནང་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​སྟོང་པ་ཉིད་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​ཆེན་པོ་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས་པར་བལྟའོ། །​དོན་དམ་པ་སྟོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97597#UT22084-014-001-97597