བལྟའོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​སའི་ཁམས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ཆུའི་ཁམས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​མྱེའི་ཁམས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​རླུང་གི་ཁམས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ནམ་མཁའི་ཁམས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​རྣམ་པར་ཤེས་པའི་ཁམས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​མ་རིག་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​འདུ་བྱེད་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​མྱིང་དང་གཟུགས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​སྐྱེ་མཆེད་དྲུག་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​རེག་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ཚོར་བ་རྣམ་པར་འཇིག་པ་མ་མཆིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97586#UT22084-014-001-97586