སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ལུས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ཡིད་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​གཟུགས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །སྒྲ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​དྲི་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །རོ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​རེག་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ཆོས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​མྱིག་གི་རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །རྣ་བའི་རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​སྣའི་རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ལྕེའི་རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །​ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97584#UT22084-014-001-97584