བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་བལྟའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​མངོན་པར་ཤེས་པ་རྣམས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​ཏིང་ངེ་འཛིན་རྣམས་བསམ་གྱིས་མི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​གཟུངས་ཀྱི་སྒོ་རྣམས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​མྱི་འཇིགས་པ་རྣམས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​སྙིང་རྗེ་ཆེན་པོ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​ཕྱིར་མྱི་འོང་བའི་འབྲས་བུ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97582#UT22084-014-001-97582