ཁམས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ནམ་མཁའི་ཁམས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​མ་རིག་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​འདུ་བྱེད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​མྱིང་དང་གཟུགས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྐྱེ་མཆེད་དྲུག་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རེག་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ཚོར་བ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྲེད་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ལེན་པ་ཚོར་བ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྲིད་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྐྱེ་བ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རྒ་ཤི་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​བརྩོན་འགྲུས་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​བསམ་གཏན་ཕ་རོལ་ཏུ་ཕྱིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97560#UT22084-014-001-97560