ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​འདུ་བྱེད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​མྱིག་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རྣ་བ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྣ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ལྕེ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ལུས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ཡིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​གཟུགས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྒྲ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​དྲི་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རོ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རེག་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ཆོས་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །​ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97558#UT22084-014-001-97558