བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འདུ་ཤེས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འདུ་བྱེད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣ་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྣ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལྕེ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལུས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཡིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྒྲ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། དྲི་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རོ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རེག་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཆོས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99250#UT22084-014-001-99250