འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། འདུ་བྱེད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། མྱིང་དང་གཟུགས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྐྱེ་མཆེད་དྲུག་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཚོར་བ་ཆེ་བར་བགྱིད་པ་འམ་ཆུང་བར་བགྱིད་པ་འམ། སྲེད་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ལེན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྲིད་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྐྱེ་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རྒ་ཤི་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཕྱི་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཕྱི་ནང་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྟོང་པ་ཉིད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཆེན་པོ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། དོན་དམ་པ་སྟོང་པ་ཉིད་ཆེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97510#UT22084-014-001-97510