གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། འདུ་ཤེས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། འདུ་བྱེད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རྣ་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྣ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ལྕེ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ལུས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཡིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྒྲ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། དྲི་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རོ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རེག་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཆོས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རྣ་བའི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྣའི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ལྕེའི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ་དེ་ནི།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97508#UT22084-014-001-97508