རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ནང་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ཕྱི་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ཕྱི་ནང་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་སྟོང་པ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ཆེན་པོ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་དོན་དམ་པ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97493#UT22084-014-001-97493