དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​དགྲ་བཅོམ་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​རང་བྱང་ཆུབ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །​ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པ་མ་ལགས་སོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། །​བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །​ཚོར་བ་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །​འདུ་ཤེས་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །​འདུ་བྱེད་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །​རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །​རྣ་བ་རྒྱ་ཆེན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97450#UT22084-014-001-97450