བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​གཟུངས་ཀྱི་སྒོ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་འདུ་བར་མྱི་བྱེད་ཡངས་པར་མི་བྱེད་དོ། །​མྱི་འཇིགས་པ་བཞི་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​སོ་སོ་ཡང་དག་པར་རིག་པ་བཞི་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​སྙིང་རྗེ་ཆེན་པོ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​རང་བྱང་ཆུབ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཞེས་བགྱི་བར་འདུ་ཤེས་སུ་གྱུར་པ་དང་། བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །​ཚོར་བ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །​འདུ་ཤེས་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །​འདུ་བྱེད་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །​རྣམ་པར་ཤེས་པ་ཚད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97445#UT22084-014-001-97445