གཟུགས་མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​འདུ་ཤེས་མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​འདུ་བྱེད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​མྱིག་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​རྣ་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​སྣ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ལྕེ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ལུས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ཡིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​གཟུགས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​སྒྲ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མི་བགྱིད་དོ། །​དྲི་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​རོ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​རེག་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ཆོས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​མྱིག་གི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​རྣ་བའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​སྣའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ལྕེའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​ཡིད་ཀྱི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97432#UT22084-014-001-97432