འཇུག་པ་དགུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​མངོན་པར་ཤེས་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​ཏིང་ངེ་འཛིན་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​གཟུངས་ཀྱི་སྒོ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​མྱི་འཇིགས་པ་བཞི་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​སོ་སོ་ཡང་དག་པར་རིག་པ་བཞི་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​སྙིང་རྗེ་ཆེན་པོ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​རྒྱུན་དུ་ཞུགས་པའི་འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​ཕྱིར་མི་འོང་པའི་འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​དགྲ་བཅོམ་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རང་བྱང་ཆུབ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །​གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །​ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །​འདུ་ཤེས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །​འདུ་བྱེད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །​རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །​མིག་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །​རྣ་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །​སྣ་ཚད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97422#UT22084-014-001-97422