གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན། །​གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཆེ་བར་མི་བགྱིད། ཆུང་བར་མྱི་བགྱིད་དོ། །​ཚོར་བ་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །​འདུ་ཤེས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །​འདུ་བྱེད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​རྣམ་པར་ཤེས་པར་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །​མྱིག་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །​རྣ་བ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །​སྣ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ལྕེ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ལུས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ཡིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​གཟུགས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​སྒྲ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​དྲི་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​རོ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​རེག་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ཆོས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​མྱིག་གི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​རྣ་བའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​སྣའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ལྕེའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ཡིད་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​མྱིག་གི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​རྣ་བའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​སྣའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ལྕེའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​ཡིད་ཀྱི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །​མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97415#UT22084-014-001-97415