འབྱོར་ཏིང་ངེ་འཛིན་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཏིང་ངེ་འཛིན་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་གཟུངས་ཀྱི་སྒོ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུངས་ཀྱི་སྒོ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་མྱི་འཇིགས་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱི་འཇིགས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་སྙིང་རྗེ་ཆེན་པོར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྙིང་རྗེ་ཆེན་པོ་ལ་ཡིད་ཆེས་པར་མི་འགྱུར་རོ། །​རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུར་མྱི་དམྱིགས་པས། ཤེས་རབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97413#UT22084-014-001-97413