ཡིད་ཆེས་པས། དྲི་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་རོར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རོ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་རེག་ཏུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རེག་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་ཆོས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་མྱིག་གི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིག་གི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་རྣ་བའི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣ་བའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་སྣའི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྣའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་ལྕེའི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལྕེའི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལུས་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །​རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97403#UT22084-014-001-97403