ཕྱིན་པ་ལ་ཡིད་ཆེས་པས། རླུང་གི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ནམ་མཁའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པའི་ཁམས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མ་རིག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་བྱེད་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཤེས་པ་ལ་ཡིད་ཆེས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱིང་དང་གཟུགས་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྐྱེ་མཆེད་དྲུག་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རེག་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚོར་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྲེད་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལེན་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྲིད་པ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྐྱེ་བ་ལ་ཡིད་ཆེས་པར་མྱི་འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97396#UT22084-014-001-97396