འཇིགས་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སྙིང་རྗེ་ཆེན་པོ་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སྙིང་རྗེ་ཆེན་པོ་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སྙིང་རྗེ་ཆེན་པོ་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སྙིང་རྗེ་ཆེན་པོ་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སྙིང་རྗེ་ཆེན་པོ་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་འདུ་བྱ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འགག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97384#UT22084-014-001-97384