དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​རྟག་ཏུ་བཏང་སྙོམས་སུ་གནས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །​གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​ཞེས་དེ་ལྟར་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསྔོ་བ་དུག་མྱེད་པ་ཡིན་ཏེ། བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་ན་དེ་ནི། ལོག་པར་ཡོངས་སུ་སྔོ་བ་ཡིན་གྱི། ཡང་དག་པར་ཡང་ཡོངས་སུ་སྔོ་བ་མ་ཡིན་ནོ། །​ལོགས་པའི་ཡོངས་སུ་བསྔོ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་མ་ཡིན་ཏེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མྱི་བསྔགས་པའི་ཡོངས་སུ་བསྔོ་བ་དེས་ནི་དེའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །​ནང་སྟོང་པ་ཉིད་ཡོངས་སུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97312#UT22084-014-001-97312