མྱི་མཐོང་ངོ་། །​ཁ་ན་མ་ཐོ་བ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཟག་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཟག་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཉོན་མོངས་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འཇིག་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འཁོར་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། །​རྣ་བ་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་མྱི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་བདེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་བདག་ཏུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་བདག་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་མི་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་མཚན་མ་ཡོད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་མཚན་མ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་སྨོན་པ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་སྨོན་པ་མྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་འདུས་བྱས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་འདུས་མ་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣ་བ་ཞེས་བྱ་བ་རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6289#UT22084-014-001-6289