ངོ་བོ་ཉིད་ཀྱིས་དབེན་ནོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །​ངོ་བོ་ཉིད་སྟོང་པ་ཉིད་ནི། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །​དྲན་པ་ཉེ་བར་གཞག་པ་རྣམས་ནི། དྲན་པ་ཉེ་བར་གཞག་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​ཡང་དག་པར་སྤོང་བ་རྣམས་ནི། ཡང་དག་པར་སྤོང་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་ནི། རྫུ་འཕྲུལ་གྱི་རྐང་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​དབང་པོ་རྣམས་ནི་དབང་པོའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​སྟོབས་རྣམས་ནི་སྟོབས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། བྱང་ཆུབ་ཀྱི་ཡན་ལག་གི་ངོ་བོ་ཉིད་ཀྱིས་དབེན་ནོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​འཕགས་པའི་བདེན་པ་རྣམས་ནི། འཕགས་པའི་བདེན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​བསམ་གཏན་རྣམས་ནི། བསམ་གཏན་གྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །​ཚད་མྱེད་པ་རྣམས་ནི། ཚད་མྱེད་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​རྣམ་པར་ཐར་པ་བརྒྱད་ནི། རྣམ་པར་ཐར་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །མངོན་པར་ཤེས་པ་རྣམས་ནི། མངོན་པར་ཤེས་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​ཏིང་ངེ་འཛིན་རྣམས་ནི། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །​གཟུངས་ཀྱི་སྒོ་རྣམས་ནི། གཟུངས་ཀྱི་སྒོའི་ངོ་བོ་ཉིད་ཀྱིས་དབེན་ནོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། དེ་བཞིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97253#UT22084-014-001-97253