ཤིང་རྗེས་སུ་བསྟན་པའོ། །​སྟོབས་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​འཕགས་པའི་བདེན་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​བསམ་གཏན་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​ཚད་མྱེད་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​རྣམ་པར་ཐར་པ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མེད་པ་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​མངོན་པར་ཤེས་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​ཏིང་ངེ་འཛིན་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​གཟུངས་ཀྱི་སྒོ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​མྱི་འཇིགས་པ་བཞི་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​སོ་སོ་ཡང་དག་པར་རིག་པ་བཞི་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​བྱམས་པ་ཆེན་པོ་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​སྙིང་རྗེ་ཆེན་པོ་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀཽ་ཤི་ཀ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པ་དང་། ཡོངས་སུ་སྐྱོབ་པ་ལེགས་སོ་ལེགས་སོ། །​ཀཽ་ཤི་ཀ་ཁྱོད་ཀྱིས་དེ་བཞིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97211#UT22084-014-001-97211