ལྡན་ཡི་གེ་དང་ལྡན་པར་རྒྱ་ཆེར་བརྗོད་དེ་བསྟན་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ངེས་པ་སྟེ། རྫོགས་པའི་བྱང་ཆུབ་ཏུ་གཞོལ་ཞིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པར་མྱི་འགྱུར་བས་ན། དེ་དག་ལ་ནི་ད་གདོད་ཚོས་བསྟན་ཀྱང་མི་དགོས་ཀྱི། འདི་ནི་འཁོར་བ་ལས་འབྱུང་བར་འདོད་ལ། སྙིང་རྗེ་ཆེན་པོས་མནར་བའི་ཕྱིར་རོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ། དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ནང་སྟོང་པ་ཉིད་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་ཕྱི་སྟོང་པ་ཉིད་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་ཕྱི་ནང་སྟོང་པ་ཉིད་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །​དེ་ལྟ་དེ་ལྟར་ཆེན་པོ་སྟོང་པ་ཉིད་ལ་གདམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97208#UT22084-014-001-97208