རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​མངོན་པར་ཤེས་པ་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། མངོན་པར་ཤེས་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མངོན་པར་ཤེས་པ་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། མངོན་པར་ཤེས་པ་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མངོན་པར་ཤེས་པ་རྣམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​མངོན་པར་ཤེས་པ་རྣམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​མངོན་པར་ཤེས་པ་རྣམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​མངོན་པར་ཤེས་པ་རྣམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་མངོན་པར་ཤེས་པ་རྣམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མངོན་པར་ཤེས་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མངོན་པར་ཤེས་པ་རྣམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མངོན་པར་ཤེས་པ་རྣམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​ཏིང་ངེ་འཛིན་རྣམས་མྱི་རྟག་གོ་ཞེས་བྱ་བར་སྟོན། ཏིང་ངེ་འཛིན་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཏིང་ངེ་འཛིན་རྣམས་བདག་མྱེད་དོ་ཞེས་བྱ་བར་སྟོན། ཏིང་ངེ་འཛིན་རྣམས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཏིང་ངེ་འཛིན་རྣམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​ཏིང་ངེ་འཛིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97105#UT22084-014-001-97105