འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །​སའི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོནད། སའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོནད། སའི་ཁམས་བདག་མྱེད་དོ་ཞེས་བྱ་བར་སྟོནད། སའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་སྟོནད་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། སའི་ཁམས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​སའི་ཁམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​སའི་ཁམས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​སའི་ཁམས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་སའི་ཁམས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། སའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། སའི་ཁམས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། སའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​ཆུའི་ཁམས་མྱི་རྟག་གོ་ཞེས་བྱ་བར་སྟོན། ཆུའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོནད། ཆུའི་ཁམས་བདག་མྱེད་དོ་ཞེས་བྱ་བར་སྟོནད། ཆུའི་ཁམས་མྱི་སྡུག་གོ་ཞེས་བྱ་བར་སྟོནད་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97076#UT22084-014-001-97076