ཞེས་བྱ་བར་རྟོག་པ་དང་། དྲི་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དྲི་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། དྲི་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​རོ་མྱི་རྟག་གོ་ཞེས་བྱ་བར་སྟོན། རོ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རོ་བདག་མྱེད་དོ་ཞེས་བྱ་བར་སྟོན། རོ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། །​སུ་ལ་བསྟན་པ་དེ་དག་ཀྱང་། རོ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར། རོ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​རོ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​རོ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་རོ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རོ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རོ་བདག་མྱེད་དོ་ཞེས་བྱ་བར་རྟག་པ་དང་། རོ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​རེག་མྱི་རྟག་གོ་ཞེས་བྱ་བར་སྟོན། རེག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རེག་བདག་མྱེད་དོ་ཞེས་བྱ་བར་སྟོན། རེག་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རེག་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​རེག་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​རེག་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​རེག་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་རེག་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རེག་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རེག་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རེག་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​ཆོས་མྱི་རྟག་གོ་ཞེས་བྱ་བར་སྟོན། ཆོས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཆོས་བདག་མྱེད་དོ་ཞེས་བྱ་བར་སྟོན། ཆོས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97065#UT22084-014-001-97065