བར་རྟོག་པར་འགྱུར་རོ། །​ལྕེ་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་ལྕེ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལྕེ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལྕེ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལྕེ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​ལུས་མྱི་རྟག་གོ་ཞེས་བྱ་བར་སྟོན། ལུས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལུས་བདག་མྱེད་དོ་ཞེས་བྱ་བར་སྟོན། ལུས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལུས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​ལུས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​ལུས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​ལུས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་ལུས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལུས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལུས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ལུས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​ཡིད་མྱི་རྟག་གོ་ཞེས་བྱ་བར་སྟོན། ཡིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཡིད་བདག་མྱེད་དོ་ཞེས་བྱ་བར་སྟོན། ཡིད་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཡིད་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​ཡིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​ཡིད་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​ཡིད་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་ཡིད་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཡིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཡིད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། ཡིད་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​གཟུགས་མྱི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མྱེད་དོ་ཞེས་བྱ་བར་སྟོན། གཟུགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97063#UT22084-014-001-97063