འདུ་བྱེད་མི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། འདུ་བྱེད་མི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​རྣམ་པར་ཤེས་པ་མི་རྟག་གོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་བདག་མེད་དོ་ཞེས་བྱ་བར་སྟོན། རྣམ་པར་ཤེས་པ་མི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རྣམ་པར་ཤེས་པ་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​རྣམ་པར་ཤེས་པ་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​རྣམ་པར་ཤེས་པ་མི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་རྣམ་པར་ཤེས་པ་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། རྣམ་པར་ཤེས་པ་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​མྱིག་མྱི་རྟག་གོ་ཞེས་བྱ་བར་སྟོན། མྱིག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། མྱིག་བདག་མྱེད་དོ་ཞེས་བྱ་བར་སྟོན། མྱིག་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། མྱིག་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​མྱིག་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །མིག་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​མྱིག་མི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་མྱིག་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། མྱིག་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། མྱིག་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། མྱིག་མྱི་སྡུག་གོ་ཞེས་བྱ་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97061#UT22084-014-001-97061