ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་མི་དམྱིགས་པའི་ཚུལ་གྱིས། གཞན་ལ་རྒྱ་ཆེར་རྗོད་ཅིང་། སྟོན་ལ་འཆད་ཅིང་། རྣམ་པར་འགོད་པ་དང་། རབ་ཏུ་འགོད་ཅིང་། རྣམ་པར་འབྱེད་ལ། གསལ་བར་བྱེད་ཅིང་། ཡང་དག་པར་སྟོན་པ་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །​དེ་ལ་དམྱིགས་པ་ནི་འདི་ཡིན་ཏེ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་དམྱིགས་པའི་ཚུལ་གྱིས་སྦྱིན་པ་གཏོང་ཞིང་། འདི་སྙམ་དུ་བདག་ནི་སྦྱིན་པ་གཏོང་ངོ་། །སྦྱིན་པ་ནི་འདི་གཏོང་ངོ་། །​འདི་ལ་ནི་སྦྱིན་པ་བྱའོ་སྙམ་ན། དེས་སྦྱིན་པ་དེ་ལྟར་བཏང་བས། སྦྱིན་པ་ཉིད་དུ་འགྱུར་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་སྲུང་ཞིང་། འདི་སྙམ་དུ་བདག་ནི་ཚུལ་ཁྲིམས་སྲུང་ངོ་། །ཚུལ་ཁྲིམས་ནི་འདི་སྲུང་ངོ་སྙམ་ན། དེས་ཚུལ་ཁྲིམས་དེ་ལྟར་བསྲུངས་པས། ཚུལ་ཁྲིམས་ཉིད་དུ་འགྱུར་གྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​དམྱིགས་པའི་ཚུལ་གྱིས་བཟོད་པ་སྒོམ་ཞིང་། འདི་སྙམ་དུ་བདག་ནི་བཟོད་པ་སྒོམ་མོ། །​བཟོད་པ་ནི་འདི་སྒོམ་མོ་སྙམ་ན། དེས་བཟོད་པ་དེ་ལྟར་བསྒོམས་པས། བཟོད་པ་ཉིད་དུ་འགྱུར་གྱི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་རྩོམ་ཞིང་། འདི་སྙམ་དུ་བདག་ནི་བརྩོན་འགྲུས་རྩོམ་མོ། །​འདིའི་དོན་དུ་བརྩོན་འགྲུས་རྩོམ་མོ་སྙམ་ན། དེས་བརྩོན་འགྲུས་དེ་ལྟར་བརྩམས་པས། བརྩོན་འགྲུས་ཉིད་དུ་འགྱུར་གྱི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་ལ་སྙོམས་པར་འཇུག་ཅིང་། འདི་སྙམ་དུ་བདག་ནི་བསམ་གཏན་རྣམས་ལ་སྙོམས་པར་འཇུག་གོ། །​བསམ་གཏན་ནི་འདི་དག་ལ་མཉམ་པར་གཞག་གོ་སྙམ་ན། དེས་བསམ་གཏན་ལ་དེ་ལྟར་མཉམ་པར་བཞག་པས། བསམ་གཏན་ཉིད་དུ་འགྱུར་གྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​དམྱིགས་པའི་ཚུལ་གྱིས། ཤེས་རབ་སྒོམ་ཞིང་། འདི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97057#UT22084-014-001-97057