ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །​མངོན་པར་ཤེས་པ་རྣམས་ཡོད་དོ། །​ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །​མྱི་འཇིགས་པ་རྣམས་ཡོད་དོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །​སྙིང་རྗེ་ཆེན་པོ་ཡོད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །​དགྲ་བཅོམ་པ་ཉིད་ཡོད་དོ། །​རང་བྱང་ཆུབ་ཡོད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །​རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །​ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །​ཕྱིར་མྱི་འོང་བ་རྣམས་ཡོད་དོ། །​དགྲ་བཅོམ་པ་རྣམས་ཡོད་དོ། །​རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ།​། །​། །​། །​། །​། །​། །​། །​། །​། །​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96988#UT22084-014-001-96988