སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །​སྙིང་རྗེ་ཆེན་པོ་ཡོད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །​ཕྱིར་མི་འོང་བའི་འབྲས་བུ་ཡོད་དོ། །​དགྲ་བཅོམ་པ་ཉིད་ཡོད་དོ། །​རང་བྱང་ཆུབ་ཡོད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །​རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །​ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །​ཕྱིར་མྱི་འོང་བ་རྣམས་ཡོད་དོ། །​དགྲ་བཅོམ་པ་རྣམས་ཡོད་དོ། །​རང་སངས་རྒྱས་རྣམས་ཡོད་དོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ།​། །​།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བདུན་པ། ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུ་ལྟ་ཞོག་གི །​ཀཽ་ཤི་ཀ་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་གླེགས་བམ་བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96959#UT22084-014-001-96959