པར་འཇུག་པ་དགུ་ཡོད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་དོ། །​མངོན་པར་ཤེས་པ་རྣམས་ཡོད་དོ། །​ཏིང་ངེ་འཛིན་རྣམས་ཡོད་དོ། །​གཟུངས་ཀྱི་སྒོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །​མྱི་འཇིགས་པ་རྣམས་ཡོད་དོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །​སྙིང་རྗེ་ཆེན་པོ་ཡོད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་ཡོད་དོ། །​དགྲ་བཅོམ་པ་ཉིད་ཡོད་དོ། །​རང་བྱང་ཆུབ་ཡོད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །​རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །​ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །​ཕྱིར་མྱི་འོང་བ་རྣམས་ཡོད་དོ། །​དགྲ་བཅོམ་པ་རྣམས་ཡོད་དོ། །​རང་སངས་རྒྱས་རྣམས་ཡོད་དོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །​དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །​ཀཽ་ཤི་ཀ་གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི། །​ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུའི་སེམས་ཅན། ཇི་སྙེད་ཅིག་ཡོད་པ་དེ་དག། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །​གསོལ་པ་བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96954#UT22084-014-001-96954